Tibetan song/Nyung Nyung Rey

Tibetan song 2015 Dear Mother by Samduplhakyi FULL HD བརྩེ་བའི་ཨ་མ། དབྱངས། དམངས་ཁྲོད། ཚིག་ དགེ་ཤེས་བསྟན་འཛིན་རབ་དགའ། གླུ་མ། བསམ་འགུབ་ལྷ་སྐིད། བརྩེ་བའི་ཨ་མ་ཡོད། བྱམས་པས་དྲོད་ཀྱི་སྐྱོང་བའི་མ། བྱམས་བརྩེ་ལྡན་པ་དེ། ངའི་ཨ་མ་རེད། ཤ་ཚ་སེམས་ལ་ཡོད། བརྩེ་བའི་ཨ་མ་དྲན་བྱུང་ལོ། ཤ་ཚ་བའི་ཨ་མ་དེ། ངའི་ཨ་མ་རེད། བརྩེ་བའི་ཨ་མ་ལགས། ང་ཡི་ཨ་མ་ལགས། ཤ་ཚ་བའི་ཨ་མ་དེ། ངའི་ཨ་མ་རེད། བཀའ་དྲིན་ཡིད་ལ་ཡོད། ལུས་སེམས་གཉིས་སྐྱོང་བའི་མ། གཅེས་པའི་དྲིན་ཅན་འདི། ངའི་ཨ་མ་རེད། བརྩེ་བ་སེམས་ལ་ཡོད། སྙིང་ནས་ཨ་མ་དྲན་བྱུང་ལོ། སྙིང་རྗེ་བའི་ཨ་མ་དེ། ངའི་ཨ་མ་རེད། བརྩེ་བའི་ཨ་མ་ལགས། ང་ཡི་ཨ་མ་ལགས། སྙིང་རྗེ་བའི་ཨ་མ་དེ། ངའི་ཨ་མ་རེད། བརྩེ་བའི་ཨ་མ་ལགས། ང་ཡི་ཨ་མ་ལགས། སྙིང་རྗེ་བའི་ཨ་མ་དེ། ངའི་ཨ་མ་རེད། སྙིང་རྗེ་བའི་ཨ་མ་དེ། ངའི་ཨ་མ་རེད། དེ་བཀའ་དྲིན་ཅན་གྱི་མ། ངའི་ཨ་མ་རེད།