བསམ་མཁོ། རེ་སྒུག REGUG BY SAMKHO

http://www.youtube.com/user/ZenSatva A Letter From Tibet by Lo Tseten. Video produced by ZenSatva. ༄༅།། བོད་ནས་ཡི་གེ་ཞིག ང་ལ་ཕ་ཡུལ་བོད་ནས། ཡི་གེ་ཞིག་འབྱོར་བྱུང་།། མི་ཡུལ་དུ་བཞུགས་པའི་སྤུན་ཟླ་རྣམས་ལ། གཏམ་བཟང་ཞིག་ཡོད། དཀར་མཛེས་གངས་རིས་མཐའ་ནས་བསྐོར། ཡུལ་དེ་ནི་ཆོས་ལྡན་ཞིང་ཁམས། ང་ཚོའི་ཕ་ཡུལ་རེད། བྱ་བྱིའུ་སྲོག་ཆགས་འདྲ་མིན་སྣ་ཚོགས། སྤང་དང་མེ་ཏོག་ཧ་ཅང་གི་མཛེས་པའི་ཡུལ་ལྗོངས། མི་ཡུལ་དུ་བཞུགས་པའི་སྤུན་ཟླ། ང་ཚོ་ཚང་མར་ལོག་ཤོག་གསུང་གིས། ཉིན་མ་གཅིག་སོང་གཉིས་སོང་། ང་ཚོ་ཚང་མ་ལ་ཕེབས་དགུག་ཞུས་ནས་བསྡད་ཤག་ བུ་ངས་ཕ་ཡུལ་ཕྱོགས་ལ། ཡིག་ལན་ཞིག་བྲིས་པ་ཡིན། རང་ཡུལ་དུ་ཡོད་པའི་སྤུལ་ཟླ་ ང་ཚོའི་སེམས་ནང་ལ་ཡོད། དབུས་ལ་ཕོ་བྲང་པོ་ཏྰ་ལ། གཙང་གི་ཞི་ཁ་རྩེ་ལ་བཀྲ་ཤིས་ལྷུན་པོ། མདོ་སྟོད་མདོ་སྨད་དབུས་གཙང་གསུམ། དེ་ནི་ང་ཚོ་ཆོལ་གསུམ་བོད་རིག་སྤུན་ཟླ་རེད། སངས་རྒྱས་ཁོང་དང་མཉམ་དུ། ང་ཚོ་གང་མགྱོགས་ལོག་ཡོང་གི་ཡིན། ཉིན་མ་ཅིག་སོང་གཉིས་སོང་། ང་ཚོ་ཚང་མས་གྲ་འགྲིག་བྱས་ནས་བསྡད་ཡོད།། །།