New Tibetan Song 2018 by Samdup Lhakyi བོད་གཞས་གསར་པ་༢༠༡༨

སེམས་ཀྱི་རེ་སྨོན། ཚིག ཁ་སྒང་བསམ་གཏན་རྒྱ་མཚོ། དབྱངས། དམངས་ཁྲོད། གླུ་མ། བསམ་འགྲུབ་ལྷ་སྐྱིད། དྲ་བརྙན་ཕྱོགས་སྒྲིགས་པ་དང་བརྙན་ལེན་པ་ མཁར་འཕགས། ངའི་བླ་མའི་དགུང་ལོ་ཇེ་བགྲེས་རེད།། ང་བླ་མ་དད་པ་ཇེ་ཆེ་རེད།། ངའི་རྩ་བའི་བླ་མ་ཐུགས་རྗེ་ཅན།། སྐུ་ཡུན་རིང་བཞུགས་པའི་སྨོན་ལམ་འདེབས།། ངའི་མ་ལོའི་སྐྲ་ལོ་ཇེ་དཀར་རེད།། ང་མ་ལོར་དུངས་བ་ཇེ་ཆེ་རེད།། ངའི་དྲིན་ཆེན་མ་ལོ་བཀའ་དྲིན་ཅན།། སྐུ་ཡུན་རིང་བཞུགས་པའི་སྨོན་ལམ་འདེབས།། ངའི་བླ་མའི་ཐུགས་རྗེ་ཉི་མ་འདྲ།། ངའི་མ་ལོའི་བཀའ་དྲིན་ཟླ་བ་འདྲ།། དགུང་ཉི་ཟླའི་འོད་སྣང་རིན་པོ་ཆེ།། དུས་བརྟན་དུ་འཛུམ་པའི་སྨོན་ལམ་འདེབས།།